- Submissions received 20
- Publication (acceptance) rate 100%
- Rejection rate 0%
- Days to first response 10
- Days to publication 60
About the Journal
སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ཧོངས་ལས་ རྫོང་ཁའི་སྐད་ཡིག་ཐོག་ལུ་ ཞིབ་འཚོལ་གྱི་རིག་རྩལ་ཡར་རྒྱས་གཏང་ནི་ལུ་དམིགས་ཏེ་ ཞིབ་འཚོལ་གྱི་དཔེ་དེབ་ ཤེས་རིག་འོད་སྣང་། ཟེར་མི་ཅིག་ ད་ལས་ཕར་ ལོ་བསྟར་བཞིན་དུ་ དཔེ་སྐྲུན་འབད་ནི་ཨིན། དེ་ཡང་ རྫོང་ཁའི་སྐད་ཡིག་འདི་ འབྲུག་རྒྱལ་ཁབ་ཀྱི་གཞུང་སྐད་ཅིག་ཨིན་ཏེ་འབད་རུང་ སྐད་ཡིག་དེ་གི་ཐོག་ལུ་ ཞིབ་འཚོལ་འབད་མི་ཚུ་གིས་ ཞིབ་འཚོལ་རྩོམ་ཤོག་ཚུ་ དཔེ་སྐྲུན་འབད་ས་ ངེས་བརྟན་ཅིག་མེདཔ་ལས་བརྟེན་ རྫོང་ཁའི་སྐད་ཡིག་གི་ཐོག་ལུ་ ཞིབ་འཚོལ་འབད་ནི་ལུ་ དར་ཁྱབ་གཏང་མ་ཚུགས་པར་ཡོད།
ལྷག་པ་དུ་ཡང་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་འདི་ འབྲུག་རྒྱལ་ཁབ་ནང་ལུ་ རྫོང་ཁའི་སྐད་ཡིག་དང་འབྲེལ་བའི་སློབ་དཔོན་ སློབ་སྦྱོང་འབད་སའི་ས་གནས་ ལྟེ་བ་ཅིག་ཨིན་པའི་ཁར་ རྫོང་ཁ་སློབ་སྦྱོང་གི་རིམ་པ་ཡང་ གཞི་རིམ་སློབ་སྦྱོང་ ལས་རིམ་ལས་འགོ་བཙུགས་ཏེ་ མཐོ་རིམ་ཤེས་ཚད་ཚུན་ཚོད་ཀྱི་བར་ན་ སྦྱོང་ཚན་མ་འདྲཝ་ལེ་ཤ་ཅིག་ སློབ་སྦྱོང་འབད་ནི་ཡོདཔ་མ་ཚད་ ཞིབ་འཚོལ་དང་འབྲེལ་བའི་སྦྱོང་ཚན་ཚུ་ཡང་ སློབ་སྦྱོང་འབད་དང་འབད་བཞིན་དུ་ཡོད་མིའི་གྲུབ་འབྲས་ཚུ་ གསལ་སྟོན་འབད་ནིའི་གོ་སྐབས་ཡོདཔ་སྦེ་ བཟོ་ནིའི་དོན་ལུ་ཨིན། རྒྱུ་མཚན་དེ་འབདཝ་ལས་བརྟེན་ ད་ལས་ཕར་ མི་ག་ར་ཨིན་རུང་ རྫོང་ཁའི་སྐད་ཡིག་གི་ཐོག་ལུ་ ཞིབ་འཚོལ་གྱི་ཕྱག་ལཱ་རེ་གནང་སྟེ་ཡོད་པ་ཅིན་ དཔེ་སྐྲུན་འབད་ནི་གོ་སྐབས་ཡོད།