ཐིམ་ཕུག་ཁྲོམ་སྡེའི་འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ཚུ་གིས་རློང་ཁའི་ཕྲད་བྱེད་སྒྲ་དང་འབྲེལ་སྒྲའི་སློར་ཚུལ་ལག་ལེན་འཐབ་མ་ཚུགས་པའི་རྒྱུ་རྐྱེན་གྱི་བརྟག་ཞིབ།

Authors

  • ཀརྨ་དབང་འདུས། ཕྱི་འབྲེལ་མཉམ་སྦྲགས་འགོ་དཔློན།(ཤེས་རིག་)རྒྱ་གར་ངྷེ་ལི་སྐུ་ཚབ་ཡིག་ཚང་། Author

DOI:

https://doi.org/10.17102/

Abstract

རང་གི་ཁྱད་ཆོས་ཐུན་མོང་མ་ཡིན་པའི་ ཁ་སྐད་དང་ཡི་གུ་གཉིས་ལས་ ཡིག་ཐོག་བརྡ་དོན་སྤྲོད་ལེན་ འབད་ནིའི་དོན་ལུ་ཕྲད་དང་རྣམ་དབྱེ་ཚུ་ ལག་ལེན་ཚུལ་མཐུན་ཤེས་དགོ་པའི་གུ་ ལྷག་པར་དུ་ རྫོང་ཁའི་ནང་ ཕྲད་དང་རྣམ་དབྱེ་ཚུ་ལས་ ཁྱབ་ཆེ་ཤོས་ཅིག་ བྱེད་སྒྲ་དང་འབྲེལ་སྒྲ་གཉིས་ ལག་ལེན་འཐབ་དོ་ཡོད་རུང་ སློབ་ཕྲུག་མང་ཤོས་ཀྱིས་ བྱེད་སྒྲ་དང་འབྲེལ་སྒྲ་ལག་ལེན་འཐབ་ནི་ནང་ གདོང་ལེན་བྱུང་དོ་ཡོདཔ་ལས་ ཞིབ་འཚོལ་འདི་གིས་ ཞིབ་འཚོལ་ཐབས་ལམ་སྤེལ་མའི་ཐོག་ལུ་ ཐིམ་ཕུག་ཁྲོམ་སྡེའི་མངའ་འོག་ དབྱངས་ཅན་ཕུག་དང་ ལུང་བསྟན་ཟམ་པ་ འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་དགུ་པའི་སློབ་ཕྲུག་ཚུ་ལུ་ རྫོང་ཁའི་ཕྲད་ བྱེད་སྒྲ་དང་འབྲེལ་སྒྲའི་སྦྱོར་ཚུལ་དང་ ལག་ལེན་འཐབ་ནི་ནང་ དཀའ་ངལ་ཐོན་དགོ་པའི་རྒྱུ་རྐྱེན་ ག་ཅི་ཨིན་ན་ བརྟག་དཔྱད་འབད་དེ་ བྱེད་སྒྲ་དང་འབྲེལ་སྒྲ་ཚུལ་མཐུན་ ལག་ལེན་འཐབ་ཚུགས་པའི་ལྷན་ཐབས་དང་ མ་འོངས་འབྲུག་པའི་ན་གཞོན་ཚུ་ལུ་ སྐད་ཡིག་ མ་ཉམས་པར་བཞག་ཚུགས་པའི་ རེ་བ་བསྐྱེད་དེ་ ཞིབ་འཚོལ་འགོ་འདྲེན་འཐབ་ཡོད། ཞིབ་འཚོལ་གྱི་གནད་སྡུད་ དབྱེ་དཔྱད་དང་འཁྲིལ་པ་ཅིན་ རྫོང་ཁའི་ཕྲད་ བྱེད་སྒྲ་དང་འབྲེལ་སྒྲ ལག་ལེན་འཐབ་པའི་སྐབས་ ཕྲད་དེ་གཉིས་ ཁ་ལས་སླབ་ད་ ཅོག་འཐད་ནི་དེ་གིས་ འབྲིཝ་ད་ དཀའ་ངལ་བྱུང་དོ་ཡོད་པའི་ཁར་ ལྷབ་སྟོན་མཁོ་ཆས་ལངམ་སྦེ་མེདཔ་ལས་བརྟེན་ བྱེད་སྒྲ་དང་འབྲེལ་སྒྲ་ ལྷབ་ནི་ལུ་དཀའ་ངལ་འབྱུང་དོ་ཡོད་པའི་ ཞིབ་འཚོལ་གྲུབ་འབྲས་འདི་གིས་ ཤེས་ཡོན་སློབ་སྟོན་པ་དང་ འཆར་གཞི་བཟོ་མི་ཚུ་ལུ་ ཐབས་ལམ་གསར་གཏོད་དང་ ལས་རིམ་བརྩམ་ནི་ལུ་ ཁེ་ཕན་བྱུང་པའི་རེ་བ་ཡོད།

Published

2023-12-02

Issue

Section

Research Article

How to Cite

ཐིམ་ཕུག་ཁྲོམ་སྡེའི་འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ཚུ་གིས་རློང་ཁའི་ཕྲད་བྱེད་སྒྲ་དང་འབྲེལ་སྒྲའི་སློར་ཚུལ་ལག་ལེན་འཐབ་མ་ཚུགས་པའི་རྒྱུ་རྐྱེན་གྱི་བརྟག་ཞིབ།. (2023). ཤེས་རིག་འོད་སྣང་།, 24(1). https://doi.org/10.17102/