ཁམས་དྭངས་སློབ་གྲྭའི་སློབ་རིམ་བརྒྱད་པའི་ཨ་ལློ་ཚུ་གི་ རྫོང་ཁའི་རྫོད་སྒྲ་གཅིག་པའི་ཡིག་སྡེབ་ཀྱི་དཀའི་ངལ་བསལ་ཐབས་འིཚོལ་ཞིབ།
DOI:
https://doi.org/10.17102/Abstract
ལག་ལེན་ཞིབ་འཚོལ་འདི་ ཁམས་དྭངས་འབྲིང་རིམ་སློབ་གྲྭའི་ སློབ་རིམ་བརྒྱད་པའི་སློབ་ཕྲུག་བུཚ་༡༦དང་ བུམོ་༡༠པ་དཔེ་ཚད་སྦེ་ལག་ལེན་འཐབ་ཐོག་ལས་ རྫོང་ཁའི་རྗོད་སྒྲ་གཅིག་པའི་ཡིག་སྡེབ་ཀྱི་དཀའ་ངལ་བསལ་ཐབས་འཚོལ་ཞིབ་འབད་ཡོད་པའི་སྙན་ཞུ་བསྡུས་དོན་ཅིག་ཞུཝ་ཨིན། ལག་ལེན་ཞིབ་འཚོལ་འབད་ནི་གི་དོན་ལུ་ ཁུངས་བཙན་ཐབས་ཤེས་དང་གྲངས་འབྲེལ་ཐབས་ཤེས་གཉིས་ལག་ལེན་འཐབ་ཅི། འགོ་ཐོག་གནས་སྡུད་དང་མཇུག་གི་གནས་སྡུད་གཉིས་ག་བསྡུར་རྐྱབ་བལྟཝ་ད་ འགོ་ཐོག་གི་གནས་སྡུད་ནང་ལུ་ དཔྱ་སྙོམ་གྱི་སྐུགས་འདི་བརྒྱ་ཆ་༣༩.༡ལས་ལྷག་མ་ཐོབ་རུང་ མཇུག་གི་གནས་སྡུད་ནང་ལུ་དཔྱ་སྙོམ་གྱི་བརྒྱ་ཆ་༥༦.༠༤ལུ་ ཡར་སེང་སྦེ་ཐོབ་ཡོད་མི་དེ་ གནད་དོན་རྩ་བ་རང་ བར་འཛུལ་སློབ་སྟོན་གྱི་ཐབས་ལམ་ལས་བརྟེན་ཏེ་ གྲུབ་འབྲས་འདི་ ཁྱད་འཕགས་ཅན་དང་ ཐབས་ལམ་དྲག་ཤོས་ཅིག་ཨིན་པའི་ངོས་འཛིན་བྱུང་ཡི།
Downloads
Published
2023-12-02
Issue
Section
Research Article
How to Cite
ཁམས་དྭངས་སློབ་གྲྭའི་སློབ་རིམ་བརྒྱད་པའི་ཨ་ལློ་ཚུ་གི་ རྫོང་ཁའི་རྫོད་སྒྲ་གཅིག་པའི་ཡིག་སྡེབ་ཀྱི་དཀའི་ངལ་བསལ་ཐབས་འིཚོལ་ཞིབ།. (2023). ཤེས་རིག་འོད་སྣང་།, 24(1). https://doi.org/10.17102/
