འབྲིང་རིམ་བར་མའི་སློབ་ཕྲུག་ཚུ་གིས་རློང་ཁ་ལུ་སློ་བ།

Authors

  • རློ་རྗེ་ ཤར། Author

DOI:

https://doi.org/10.17102/

Abstract

རྒྱལ་ཁབ་ རང་དབང་གི་ངོ་རྟགས་ སྟོན་ཚུགས་པའི་ཁྱད་ཆོས་ ཐུན་མོང་མ་ཡིན་པ་ ལེ་ཤ་ཡོད་པའི་གྲས་ལས་ གཅིགཔ་འདི་ རྒྱལ་ཡོངས་ཀྱི་སྐད་ཡིག་འདི་ཨིན། ད་རེས་ནངས་པར་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དང་ མི་སྡེའི་གནས་སྟངས་ཀྱི་འགྱུར་བ་ལུ་བརྟེན་ སྔར་སྲོལ་དང་སྐད་ཡིག་ལག་ལེན་ལུ་ བརྩི་མཐོང་ཞན་སུ་འགྱོ་དོ་ཡོད་པའི་ མཐོང་སྣང་གི་བསམ་འཆར་ འདྲ་མིན་སྣ་ཚོགས་བཀོད་མི་ ལེ་ཤ་མཐོནམ་ཨིན་མས། གནད་དོན་དེ་ལུ་གཞི་བཞག་སྟེ་ ན་གཞོན་ཚུ་གིས་ རྒྱལ་ཡོངས་ཀྱི་སྐད་ཡིག་རྫོང་ཁ་ལུ་ སྤྲོ་བ་དང་དང་འདོད་ ག་དེ་སྦེ་འདུག་ག་དབྱེ་དཔྱད་འབད་ནིའི་དོན་ལུ་ གྲངས་འབྲེལ་ཐབས་ལམ་གྱི་ཐོག་ལས་ དབྱེ་ཚད་ལྡན་པའི་དཔེ་ཚད་ལག་ལེན་འཐབ་སྟེ་ ཞིབ་འཚོལ་ཅིག་འབད་དེ་ཡོདཔ་ཨིན། ང༌གིས༌ རྣམ༌རྟོག༌གི༌ས༌བོན༌ཙམ༌ཅིག༌སྦེ༌ ཞིབ༌འཚོལ༌གྱི༌ཐབས༌ལམ༌ཚུ༌ རྫོང༌ཁའི༌ཐོག༌ལུ༌ སྐད༌བསྒྱུར༌འབད༌དེ༌ བཀོད་ཡོད་ མི༌འདི༌གིས༌ མ༌འོངས༌པ༌ནང༌ གནད༌དོན༌འདི༌གི༌ཐོག༌ལུ༌ ཞིབ༌འཚོལ༌རྒྱ༌སྦོམ༌སྦེ༌ འབད༌མི༌རེ༌འཐོན༌པ༌ཅིན༌ རྒྱལ༌ཡོངས༌ཀྱི༌ གནས༌ཚད༌ནང༌ ཁྱབ༌ཚུགས༌པའི༌ གྲུབ༌འབྲས༌སྟོན༌ནི༌ལུ༌ ཕན༌ཐོགས༌འབྱུང༌ཚུགས་པའི་རེ༌བ༌ཡོད།

Published

2023-12-02

Issue

Section

Research Article

How to Cite

འབྲིང་རིམ་བར་མའི་སློབ་ཕྲུག་ཚུ་གིས་རློང་ཁ་ལུ་སློ་བ།. (2023). ཤེས་རིག་འོད་སྣང་།, 24(1). https://doi.org/10.17102/